སྣུམ་འཁོར་ཐོབ་སྐལ།
༡. ཡིག་ཆ་ཕུལ་ནི་དོན་ལུ་ཚང་དགོཔ་ག་ཅི་རང་ཨིན་ན།
རྒྱབ་འགལ་ལུ་ ལྷན་ཁག/ རྫོང་ཁག་གི་རྟགས་བཀོད་དེ་ག་ར་བཀང་ཡོད་པའི་འབྲི་ཤོག་དང་ ད་རེས་ནངས་པའི་གོ་གནས་ཡར་སེང་གི་ཡིག་ཚང་བཀའ་རྒྱ་གི་འདྲ་ཅིག་དགོ།
༢. སྤྱི་ཐོག་ སྣུམ་འཁོར་མཁོ་སྒྲུབ་འབད་ནི་དོན་ལུ་ག་སྟེ་འབད་ཞུ་ཚིག་ཕུལ་ནི་།
རྒྱལ་ཡོངས་འཆར་དངུལ་ལས་ཁུངས་ཀྱི་ མདོ་ཆེན་ལུ་ འཆར་དངུལ་ཁ་གསལ་དང་གཅིག་ཁར་ཕུལ་ནི་དང་། རྒྱལ་ཡོངས་འཆརད་ངུལ་ལས་ཁུངས་ཀྱི་ འཆརད་དངུལ་ ཞིབ་དཔྱད་འབད་དེ་ དངུལ་རྩིས་ལྷན་ཁག་ལས་ གནང་བ་ལེན་ནི་དང་ དངུལ་རྩིས་ལྷན་ཁག་གི་ མཐའ་མཇུག་གི་ནང་འདྲེན་འབད་ནི་ལུ་ གནང་བའི་བཀའ་རྒྱ་སྤྲོད་ནི་ཨིན།
ཐད་ཀར་ཁྲལ་གྱི་སྒྲིག་བཀོད།
ཚོང་གི་འབབ་ཁུངས་ཁྲལ། ཁེབ་ས་ངེས་ཏིག་ཐོག་ལུ་ བརྒྱ་དཔྱ་ ༣༠།
ལས་འཛིན་གྱི་འབབ་ཁུངས་ཁྲལ། ཁེབ་ས་ངེས་ཏིག་ཐོག་ལུ་ བརྒྱ་དཔྱ་ ༣༠།
རང་སོའི་འབབ་ཁུངས་ཁྲལ། རྒྱུ་དངོས་རྩིས་སྤྲོད་ཀྱི་ཁྲལ། བརྒྱ་དཔྱ་ ༥།
ཚོང་གི་འབབ་ཁུངས་ཁྲལ། ལས་འཛིན་གྱི་འབབ་ཁུངས་ཁྲལ།
ཚོང་གི་འབབ་ཁུངས་ཁྲལ།
ཚོང་གི་འབབ་ཁུངས་ཁྲལ་འདི་ ལས་འཛིན་གྱི་འབབ་ཁུངས་ཀྱི་ཁྲལ་མིན་པའི་ཁྲལ་ཅིག་ཨིན། དེ་ཡང་ ཁེབ་ས་ངེས་ཏིག་གི་ཐོག་ལུ་ བརྒྱ་དཔྱ་ ༣༠ བཀལ་ཡོདཔ་དང་། ཚོང་གི་འབབ་ཁུངས་ཀྱི་ཁྲལ་འདི་ བསྟན་རྒྱས་ལྷན་ཁག་གིས་ སྤྲོད་ཡོད་པའི་ བདག་དབང་ལོགས་སུ་མེད་པའི་འདུས་ཚོགས་ཚུ་ལུ་ ཆོག་ཐམ་གཞི་བཟུང་དང་ཐོ་བཀོད་ ཡོད་མི་ཚུ་གིས་ སྤྲོད་དགོཔ་ཨིན།
ལས་འཛིན་གྱི་འབབ་ཁུངས་ཁྲལ།
ལས་འཛིན་གྱི་འབབ་ཁུངས་ཁྲལ་འདི་ ལས་འཛིན་ཚུ་གིས་སྤྲོད་ཡོད་པའི་ཁྲལ་ལུ་སླབ་ཨིན། དེ་ཡང་ ཁེབ་ས་ངེས་ཏིག་གི་ཐོག་ལས་ བརྒྱ་དཔྱ་༣༠ བཀལ་ཡོདཔ་དང་། ལས་འཛིན་གྱི་འབབ་ཁུངས་ཁྲལ་འདི་ཡང་ འབྲུག་རྒྱལ་ཁབ་ཀྱི་ཚོང་སྡེའི་ བཅའ་ཁྲིམས་ ༢༠༠༠ ཅན་མ་འོག་ལུ་ ཐོ་བཀོད་འབད་དེ་ཡོད་པའི་ འདུས་ཚོགས་ཚུ་གི་སྤྲོད་དགོཔ་ཨིན།
ཚོང་གི་འབབ་ཁུངས་ཁྲལ་ ཡང་ན་ ལས་འཛིན་གྱི་འབབ་ཁུངས་ཁྲལ་གྱི་ ཐོ་བཀོད།
ཚོང་པ་དང་ཚོང་སྡེ་ག་ར་གིས་ ཚོང་འབྲེལ་གྱི་ཆོག་ཐམ་སྤྲོད་མི་ ལུང་ཕྱོགས་ཀྱི་འོང་འབབ་དང་ཅ་དམ་ཡིག་ཚང་ དང་གཅིག་ཁར་ཐོ་བཀོད་འབད་དགོ། ཡང་ཅིན་ ཚོང་འབྲེལ་ཆོག་ཐམ་ ལེན་ནི་དོན་ལུ་ ཐོ་བཀོད་འབད་ཡོད་མི་ལས་ ཚེས་གྲངས་ལས་ འགོ་བཙུགས་ དུས་ཡུན་ ཟླ་ངོ་༣ གི་ནང་འཁོད་ ཡིག་ཚང་ལྟེ་བ་ནང་འབད་དགོ།
ཁྲལ་གྱི་སྙན་ཞུ་ཐོ་བཀོད།
ཚོང་པ་དང་ཚོང་སྡེ་ག་ར་གིས་ ངེས་པར་དུ་ ཁྲལ་གྱི་སྙན་ཞུ་འབད་དགོ། ཚོང་གི་འབབ་ཁུངས་ཀྱི་ཁྲལ་ གྱི་ འབྲི་ཤོག་ ༢ ཅན་མ་འདི་ ཚོང་གི་འབབ་ཁུངས་ཁྲལ་སྤྲོད་མི་ཚུ་གི་ དོན་ལུ་དང་། ལས་འཛིན་གྱི་འབབ་ཁུངས་ཀྱི་ཁྲལ་གྱི་ འབྲི་ཤོག་ ༢ ཅན་མ་འདི་ ལས་འཛིན་གྱི་འབབ་ཁུངས་ཀྱི་ཁྲལ་ སྤྲོད་མི་ཚུ་གི་དོན་ལུ་ཨིན།
རང་དཔྱད་འབད་བའི་ཐོག་ ལུང་ཕྱོགས་ཀྱི་འོང་འབབ་དང་ཅ་དམ་ཡིག་ཚང་ནང་ ཐོ་བཀོད་དེ སྤྱི་ཟླ་ གསུམ་པའི་ སྤྱི་ཚེས་ ༣༡ ནང་འཁོད་ འབབ་ཁུངས་ལོ་ མཇུག་བསྡུ་ཁམ་ལུ་ཐོ་བཀོད་འབད་དགོ།
ཁྲལ་བཏབ་མི་ཨང་།
ཁྲལ་བཏབ་མི་ཨང་ འདི་ རིམ་ལུགས་ཐོག་བཟོ་ཡོད་པའི་ ཨཱལ་ཕ་ ནུ་མི་རིག་ ཨང་ འདི་ ལུང་ཕྱོགས་ཀྱི་འོང་འབབ་དང་ཅ་དམ་ཡིག་ཚང་གི་ ཁྲལ་བཏབ་མི་ཚུ་ལུ་ ཐོ་བཀོད་འབད་བའི་སྐབས་སྤྲོད་དོ་ཡོདཔ་ཨིན། དེ་འབད་སྤྲོད་མི་འདི་ཡང་ ཁྲལ་སྤྲོད་ལེན་འབྲེལ་བའི་ལཱ་དང་ ལྷག་པར་དུ་ ཁྲལ་གྱི་ངོ་རྟགས་ ག་ར་ ངོས་འཛིན་འབད་ཚུགས་ནི་དོན་ལུ་ཨིན།
ཁྲལ་བཏབ་མི་ཨང་ འདི་ངེས་པར་དུ་ ཡིག་འབྲེལ་ག་ར་ནང་ ཁུངས་གཏུག་ཅིག་འབད་བཀོད་དེ་ ལས་ཁུངས་དང་གཅིག་ཁར་ ཁྲལ་བཏབ་མི་ཚུ་ ངོས་འཛིན་འབད་ཚུགས་དགོ།
རང་སོའི་འབབ་ཁུངས་ཁྲལ་ཟེར་མི་འདི་ག་ཅི་སྨོ?
རང་སོའི་འབབ་ཁུངས་ཁྲལ་ཟེར་མི་འདི་ རང་རང་སོ་སོའི་ འབབ་ཁུངས་དང་ ཡང་ན་ འབྱུང་ཁུངས་མ་དྲཝ་ དྲུག་ལས་ལྷག་སྟེ་ ཡོད་པ་མི། དེ་ཡང་ དངུལ་ཕོགས་ཀྱི་འབབ་ཁུངས། གླ་ཆའི་འབབ་ཁུངས། བགོ་བཤའི་འབབ་ཁུངས། དངུལ་ཐོག་འབབ་ཁུངས། དངུལ་སྐྱེད་འབབ་ཁུངས་ དང་ འབབ་ཁུངས་གཞན། སྒེར་སྡེའི་དབང་བའི་སྣུམ་འཁོར་དང་། འཕྲུལ་ཆས་ཚུ་བློ་རིག་ རྒྱུ་དངོས་ ཐོབ་དབང་ལས་གླ་ཁར་ལེན་ནི་འདི་ཨིན།
རང་སོའི་འབབ་ཁུངས་ཀྱི་ཁྲལ་བཏབ་མི་ག་རང་ཕོགཔ་སྨོ?
དེ་ཡང་འབྲུག་པའི་མི་ཁུངས་ ས་གནས་ནང་སྡོད་མི་དང་ གཞན་འབྲུག་ནང་འཁོད་ གོང་ལུ་བཀོད་མི་ལྟར་ འབབ་ཁུངས་ཁག་མ་དྲཝ་དྲུག་ནང་ལས་ འབབ་ཁུངས་ཐོབ་ཡོད་མི་ཚུ་ རང་སོའི་འབབ་ཁུངས་ཀྱི་ཁྲལ་ ཕོགཔ་ཨིན།
རང་སོའི་འབབ་ཁུངས་ཀྱི་ཁྲལ་གྱི་དོན་ལས་ག་གིས་ཐོ་བཀོད་འབད་དགོཔ་སྨོ?
སྐྱེས་ལོ་ ༡༨ ལངས་མི་ མི་སེར་ག་ར་དང་ འབྲུག་པའི་ནང་འཁོད་སྡོད་མི་སེར་ཚུ་གིས་ རང་སོའི་འབབ་ཁུངས་ཀྱི་འབྱུང་ཁུངས་གཅིག་དང་ཡང་ན་ འབྱུང་ཁུངས་ཁག་དྲུག་ལས་ འབབ་ཁུངས་ཀྱི་ལོ་ནང་ འབབ་ཁུངས་འབྱུང་ཡོད་པ་ཅིན་ རང་སོའི་འབབ་ཁུངས་ཁྲལ་གྱི་ འབྲི་ཤོག་ ༡ པ་ལག་ལེན་ཐབས་ཏེ་ ཐོ་བཀོད་འབད་དགོཔ་ཨིན། བཀང་ཡོད་པའི་ ཐོ་བཀོད་འབྲི་ཤོག་འདི་ ཁྱོད་ར་ཁྲལ་བཏབ་པའི་ཚེས་ སྟབས་བདེ་ནི་དང་ གདམ་ཁའི་དོན་ལས་ ལུང་ཕྱོགས་འོང་འབབ་དང་ཅ་དམ་ཡིག་ཚང་ནང་ཕུལ་དགོ།
གལ་སྲིད་ གཉེན་རྐྱབ་རྐྱབ་པའི་ མི་ངོམ་ཨིན་པ་ཅིན་ མི་ངོམ་གཉིས་ཆ་ར་གིས་ ལུང་ཕྱོགས་འོང་འབབ་དང་ཅ་དམ་ཡིག་ཚང་གཅིག་ནང་ཐོ་བཀོད་འབད་དགོ།
ལུང་ཕྱོགས་འོང་འབབ་དང་ཅ་དམ་ཡིག་ཚང་། རྫོང་ཁག།
ཐིམ་ཕུག། | ཐིམ་ཕུག། སྤུ་ན་ཁ། དབང་འདུས་ཕོ་བྲང་། མགར་ས། |
སྤ་རོ། | སྤ་རོ་དང་། ཧཱ། |
ཕུན་ཚོགས་གླིང་། | ཆུ་ཁ། |
བསམ་རྩེ། | བསམརྩེ། |
དགེ་ལེགས་ཕུག། | གསར་སྤང་། རྩི་རང་། དར་དཀར་ན། གཞལམ་སྒང་། |
བུམ་ཐང་། | བུམ་ཐང་། ཀྲོང་གསར། |
བསམ་གྲུབ་ལྗོངས་མཁར། | བསམ་གྲུབ་ལྗོངས་མཁར་དང་། པདྨ་དགའ་ཚལ། |
མོང་སྒར། | བཀྲིས་སྒང་། ལྷུན་རྩེ། བཀྲིས་གཡང་རྩེ་དང་། མོང་སྒང་། |
འཆར་དངུལ་ མ་དངུལ་འཛིན་གྲོལ་འབད་ནི་དོན་ལས་ ཉུན་མཐའ་ལུ་ གནས་ཚིག་ག་ཅི་རང་འགྲུབ་དགོཔ་སྨོ?
གནས་སྐབས་ཅིག་གི་དོན་ལས་ མ་དངུལ་འཛིན་གྲོལ་འབད་ནི་ལུ་ ལས་སྡེ་ཚུ་གིས་ཉུང་མཐའ་ལུ་འོག་གི་ གནས་ཚིག་ཚུ་འགྲུབ་དགོཔ་ཨིན།
འཆར་དངུལ་དམིགས་འཆར་ཚད་ལྡང་། ལས་སྣ་ཚུ་གི་དོན་ལུ་ མ་དངུལ་འཛིན་གྲོལ་ ཞུ་མི་ནང་ལས་ འཆར་དངུལ་དམིགས་འཆར་ཚད་ལྡན་བཟོ་དགོ། གལ་སྲིད་ ལས་སྣ་འདི་གསརཔ་ཨིན་པ་ཅིན་ མ་དངུལ་འཛིན་གྲོལ་ཞུ་མི་འདི་གི་ ཧེ་མ་ལས་ འཆར་དངུལ་གྲངས་སུ་བཙུགས་ཏེ་ མཇུག་བསྡུ་དགོ།
ཟླ་རིམ་གྱི་རྩིས་ཁྲ། ཟླ་རིམ་གྱི་རྩིས་ཁྲ་འདི་ དམངས་རྩིས་ལས་ཁུངས་ལུ་ ལས་སྡེ་ཚུ་གིས་ ཟླཝ་མཇུག་བསྡུ་སྦེ་ ཉིན་ཞག་ ༡༥ གི་ཤུལ་ལུ་ཕུལ་དགོ།
གྲོགས་རམ་གྱི་མ་དངུལ་ལྷག་ལུས།
གལ་སྲིད་ལས་སྣ་འདི་ གྲོགས་རམ་གྱི་མ་དངུལ་རྒྱབ་སྐྱོར་སྦེ་འབདཝ་ཨིན་པ་ཅིན་ གྲོགས་རམ་གྱི་མ་དངུལ་ལྷག་ལུས་འདི་ འབྲུག་གཞུང་དང་གཅིག་ཁར་འོང་དགོ། ག་དེམ་ཅིག་འབད་ མ་དངུལ་འཛིན་གྲོལ་འབད་ནི་ནང་ ཉུང་མཐའི་ གནས་ཚིག་ཚུ་ཚང་སྟེ་འབད་རུང་ ཡུན་འགྱངས་སྦེ་ལུས་བ་ཅིན་ དམངས་རྩིས་ལས་ཁུངས་ཀྱི་མདོ་ཆེན་ལུ་ ངེས་པར་དུ་ དང་ལེན་གྱི་དོན་ལས་ སྙན་ཞུ་འབད་དགོ། མ་དངུལ་འཛིན་གྲོལ་གྱི་ལམ་སྟོན་ཚུ་བལྟ་ནི་དོན་ལུ།
1,683 ཡོངས་བསྡོམས་བལྟ་མི།, 2 ད་རིས་བལྟ་མི།